གཉའ་ཁྲི་བཙན་པོ།
༧༥༽ གོ་སྐབས་དེ་དང་བསྟུན་ནས། རུ་ལས་སྐྱེས་ཀྱིས་གཙོས་པའི་རྫུན་ཆས་སྤྲས་པའི་དམག་མི་མང་པོས་གློ་བུར་དུ་མཁར་ཉང་རོ་ཤམ་པོར་འཇབ་རྒོལ་བྱས་པས། ལོ་ངམ་དཔོན་དམག་རྣམས་ཀྱིས་ཅི་ཡིན་འདི་ཡིན་མ་ཤེས་པར་ཟང་ཟིང་དུ་གྱུར།
༧༦། དེ་ནས་བཙན་པོའི་དཔུང་གིས་ཁྲ་ཡིས་བྱེའུ་བདས་པ་ལྟར་ལོ་ངམ་ཕ་བུ་བློན་དམག་བརྒྱ་ལྷག་བསད་ཅིང༌། དམག་མི་བྱིངས་དང་འཁོར་གཡོག་ཕལ་ཆེ་བ་མགོ་བཏགས་ཏེ་གསོན་བཟུང་བྱས།
༧༧༽ བྱ་ཁྲིས་ཕོ་བྲང་ཕྱི་རོལ་ནས་དམག་དྲངས་ཏེ་ཕར་རྒོལ་བྱས་པས། ལོ་ངམ་གྱི་དམག་སྟོང་ཕྲག་ལྷག་རྩ་མེད་བཏང་ནས་ཉིན་གཅིག་ལ་རྒྱལ་སྲིད་ཕྱིར་ལེན་ཐུབ་པ་བྱུང༌།
༧༨༽ དེ་ནས་སྲས་བྱ་ཁྲི་ཡུམ་མེར་ལྕམ་དང་སྲིང་མོ་གཉིས་ལ་མཇལ། ཡུམ་སྲས་རྣམས་སྐུ་ངལ་མང་པོ་མྱངས་ཏེ་ལོ་མང་རྗེས་སུ་འཕྲད་པས། ཚང་མ་དགའ་ངུ་འཆོར་བཞིན་ཕན་ཚུན་འཐམས་པའི་ཚུལ་མཐོང་སྟེ་གཡོག་འཁོར་རྣམས་ཀྱང་རང་དབང་མེད་པར་མཆི་མ་ཤོར།
༧༩༽ དེ་ནས་སྲས་བྱ་ཁྲི་རྒྱལ་ཁྲིར་མངའ་གསོལ་སྐབས། ཡུམ་གྱིས་ངའི་བུ་འདི་ཀུན་ལས་རྒྱལ་བར་ཤོག་ཅེས་སྨོན་ལམ་བཏབ་པ་དང༌། བློན་འབངས་ཚང་མས་ཀྱང་བུ་དེ་ཀུན་ལས་རྒྱལ་བར་ཤོག་ཅེས་བསྒྲགས་པས། མཚན་ལ་ཡང་པུ་དེ་གུང་རྒྱལ་ཞེས་གྲགས།